全国互认!一码通行!

ཚེས་༡༥ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལན་ཝུའེ་ལེང་གིས། ༢༠༢༡ལོའི་རྒྱལ་ཡོངས་དཔྱིད་གསར་སྐྱེལ་འདྲེན་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག དཔྱིད་གསར་སྐྱེལ་འདྲེན་རིང་རིམས་འགོག་བདེ་ཐང་ཨང་རྟགས་གཅིག་གྱུར་སྲིད་ཇུས་དང་། གཅིག་གྱུར་ཚད་གཞི། རྒྱལ་ཡོངས་ཕན་ཚུན་ཁས་ལེན། བདེ་ཐང་ཨང་རྟགས་གཅིག་གིས་འགྲོ་འོང་བཅས་དོན་འཁྱོལ་ཡག་པོ་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། ས་གནས་ཁག་གིས་རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ལས་སྟེགས་ལ་བརྟེན་ནས་བདེ་ཐང་ཨང་རྟགས་ཕན་ཚུན་ཁས་ལེན་གྱི་ལམ་སྲོལ་དང་སྒྲིག་སྲོལ་དོན་འཁྱོལ་བྱས་ཏེ། ས་ཁུལ་ལས་བརྒལ་བའི་ཕྱོགས་མིའི་བདེ་ཐང་ཨང་རྟགས་ཀྱི་ཆ་འཕྲིན་ས་ཁུལ་ཁག་ཏུ་སྤྱོད་ཆོག་པ་ཁ་གསལ་བཟོས་ནས། མང་ཚོགས་ཀྱི་དགོས་ངེས་འགྲོ་འོང་འགན་ལེན་ཏན་ཏིག་བྱ་དགོས་ཤིང་། འདི་ནི་རྒྱལ་ཡོངས་ཀྱི་ཕན་ཚུན་ཁས་ལེན་དང་བདེ་ཐང་ཨང་རྟགས་གཅིག་གིས་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་བླང་བྱ་ཞིག་ཡིན་པ་དང་། བདེ་ཐང་ཨང་རྟགས་གཉིས་མཉམ་དུ་བསྣན་པ་ནི་མ་དཔེ་གསར་པ་ཞིག་དང་དམིགས་བསལ་ཞིག་ཡིན་པས། གནས་སྐབས་ས་ཁུལ་གཞན་དག་དང་ཕན་ཚུན་ཁས་ལེན་དངོས་སུ་བྱེད་མ་ཐུབ་ཚེ། རྒྱུ་མཚན་དང་བཅས་སྔོན་ལ་སྙན་སེང་ཞུ་དགོས་ཞེས་བསྟན་པ་རེད།
15日,国家发展改革委副主任连维良在2021年全国春运电视电话会议上表示,春运期间,要落实好防疫健康码统一政策、统一标准、全国互认、一码通行。各地要依托全国一体化政务平台,落实健康码互认机制和规则,明确跨地区流动人员健康码信息在各地区可信可用,切实保障群众必要的出行需求。
连维良特别强调,全国互认、一码通行是普遍性的原则要求,“码”上加“码”是个例、是特殊,确有原因暂不能与其他地区互认的,要先报告。
སྤྱི་ཁྱབ་ཞུ་དག་པ། ཏུའུ་ལིང་ཁྲུན།
总监审:杜林春
ཞུ་དག ཚེ་རིང་དབང་རྒྱལ།
监审:次仁旺杰
ཞུ་དག་ཐོག་མ། ཆིན་ཡའོ།
初审:秦瑶
སྒྲིག་བཟོ། སྨིན་སྐྱིད།
编辑:明吉
来源:阳光西藏
ནག་ཆུ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སྨྱན་སྦྱོར་གསར་པའི་ལྟེ་གནས་ཀྱིས་བཏོན།
那曲广播电视台新媒体中心发布
那曲广播电视台
公众号ID:NQGB—TV